<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        ཀྲུང་གོའི་བོད་ལྗོངས་དྲ་བ།

        beat365app登录入口_365bet不能提现_365bet在线网投

         > མདུན་ཤོག > གསར་འགྱུར་མེ་ལོང་།

        beat365app登录入口_365bet不能提现_365bet在线网投

        སྤེལ་དུས 2023-03-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        (2023ལོའི་ཟླ་3ཚེས་28ཉིན)

        བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཡན་ཅིན་ཧའེ།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཤིག་ཡིན་ཞེས་ནན་བཤད་ཡང་ཡང་གནང་མྱོང་ཡོད། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ཐེངས་15པ་འཆར་ལ་ཉེ་བའི་མཚམས་སུ། ང་ཚོས་དྲིལ་བསྒྲགས་དྲན་གསོའི་བྱེད་སྒོ་གཟབ་རྒྱས་དེ་འདྲ་ཞིག་སྤེལ་དོན་ནི་སྡུག་བསྔལ་གྱི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། དུས་རབས་རླབས་པོ་ཆེའི་བཀའ་དྲིན་ཚོར་ཤེས་བྱེད་པ། མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།
          ལོ་64ཡི་གོང་དུ། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ། བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཐལ་བའི་རྡུལ་དུ་མཐའ་གཅིག་ཏུ་བརླགས་པ་དང་། ཟིལ་རླབས་དགུང་དུ་འཕྱུར་བའི་དམངས་གཙོའི་བཅོས་སྒྱུར་བྱས་པ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བས། སྤྱི་ཚོགས་རྙིང་པའི་སྤྲིན་ནག་གར་སོང་མེད་པར་གྱུར་ཡོད། “འཛམ་གླིང་གི་ས་བབ་མཐོ་ཤོས་སུ་གནས་ཀྱང་འཛམ་གླིང་གི་གནས་བབ་དམའ་ཤོས་སུ་འཚོ་བཞིན་པའི”ཞིང་བྲན་ཁྲི་ཚོ་བརྒྱར་དུས་དེ་ནས་བཟུང་མི་ལུས་གསར་པ་ཐོབ་པ་དང་གངས་ལྗོངས་ས་མཐོས་འཛམ་གླིང་གསར་པའི་འོད་ཟེར་བསུས་ཡོད།
          ལོ་64ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། བོད་ལྗོངས་འཛུགས་སྐྲུན་དང་བོད་ལྗོངས་འཕེལ་རྒྱས་བཏང་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་འབད་འབུངས་མདུན་སྐྱོད་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མའི་གཟིགས་སྐྱོང་དང་བྱམས་བརྩེའི་ཐུགས་ཁུར་འོག་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག    བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་10ཡི་རིང་ང་ཚོས་ཕྱོགས་ཡོངས་ནས་བོད་ལྗོངས་ཁྲིམས་བཞིན་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། འགལ་ཟླ་དང་ཉེན་ཁ་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱས་པ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། ལོ་10ཡི་རིང་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མཐའ་འཁྱོངས་བྱས་པས། དཔལ་འབྱོར་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། སློབ་གསོ་དང་། སྨན་བཅོས། རིག་གནས། སྡོད་ཁང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་དམངས་འཚོར་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས། ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་བསྒྲལ་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཡོད།
          ལོ་10ཡི་རིང་ང་ཚོས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། བོད་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཁྱོན་50%སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པས། སྔོ་ཁེབས་ཁྱབ་ཚད་དང་ནགས་ཚལ་ཁྱབ་ཚད་གཉིས་ཀ་ཆེ་རུ་ཕྱིན་པ་དང་། ཐང་རྒོད་ཅན་དང་བྱེ་ས་ཅན་དུ་འགྱུར་བའི་ས་ཆའི་རྒྱ་ཁྱོན་གཉིས་ཀ་ཆུང་དུ་སོང་ནས་མང་ཚོགས་དེ་བས་མང་པོ་སྐྱེ་ཁམས་ལ་བརྟེན་ནས་ལྟོ་གོས་འཛོམས་པར་གྱུར་ཡོད། ལོ་10ཡི་རིང་ང་ཚོས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་མཐའ་འཁྱོངས་བྱས་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། མཐའ་མཚམས་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་མགྱོགས་མྱུར་འཕར་བས། མཐའ་མཚམས་དེ་བས་སྲ་བརྟན་དང་། དེ་བས་དར་རྒྱས། མི་སེར་དེ་བས་བདེ་སྐྱིད་བཅས་བྱུང་ཡོད།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། ཆུ་ཐིགས་གཅིག་ནས་རྒྱ་མཚོ་མཐོང་། བྱེ་རྡུལ་གཅིག་ནས་འཛམ་གླིང་མངོན། བོད་ལྗོངས་གསར་པའི་དུས་རབས་ཀྱི་འཕོ་འགྱུར་ནི་ཀྲུང་གོ་གསར་པའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཕྱུག་འགྱུར་དཀའ་བ་དང་། འགྲོ་སྐྱོད་དཀའ་བ། འཐུང་ཆུ་དཀོན་པ། གློག་ཤུགས་དཀོན་པ། འཕྲིན་གཏོང་དཀའ་བ། དྲོད་ལེན་དཀའ་བ། སློབ་གྲྭར་སྐྱོད་དཀའ་བ། སྨན་པ་དཀོན་པ། རྒན་གསོ་དཀའ་བ། མཐའ་མཚམས་འཕེལ་རྒྱས་དཀའ་བ་བཅས་ཀྱི་མདུན་སྐྱོད་ལམ་བུར། བོད་གསར་རྙིང་གི་གྲངས་གཞི་དང་བྱ་གཞག་རེ་རེ་བསྡུར་བ་ལས། ཀྲུང་གོ་གུང་ཁྲན་ཏང་ནི་དུས་ནམ་ཡང་ཡིད་ཆེས་བྱེད་འོས་པ་དང་རྗེས་སུ་འབྲང་རིན་ཡོད་པའི་ཡང་དག་པའི་བརྟེན་ས་འབའ་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་དོན་དངོས་དང་མཐུན་པ་དང་། ཀྲུང་གོ་མི་དམངས་ཀྱི་བསམ་འདུན་མཚོན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་བཅས་ཀྱི་ཡང་དག་པའི་འགྲོ་ལམ་འབའ་ཞིག་ཡིན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཡང་དག་པའི་གདམ་ག་འབའ་ཞིག་ཡིན་པ་ར་འཕྲོད་ཐུབ་ཡོད།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། རྒྱང་ལམ་ཇི་ཙམ་ཡངས་ན་དམིགས་ཚད་དེ་ཙམ་གྱིས་ཆེ་བས། སྲོག་ཤིང་གིས་ཁ་ཕྱོགས་གཏན་འཁེལ་དང་བདེན་དོན་གྱིས་སྣེ་ཁྲིད་ཕྱོགས་སྟོན་དེ་བས་བྱེད་དགོས་ཀྱི་ཡོད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་བསམ་འདུན་གང་ལེགས་མཚོན་པ་དང་། ཏང་གི་འདོད་བློ་དང་། མི་དམངས་ཀྱི་འདོད་བློ། རྒྱལ་ཁབ་ཀྱི་འདོད་བློ་བཅས་ཚད་མཐོའི་གཅིག་གྱུར་བྱུང་བ་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་ཕྱོགས་སྟོན་གནང་བས་ང་ཚོར་མཐུན་སྒྲིལ་འབད་འཐབ་ཀྱི“སྲོག་ཤིང”དང་རླུང་རླབས་ལ་ཁ་གཏད་གཅོག་པའི“རྒྱ་མིག”བྱུང་ཡོད།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། ལོ་རྒྱུས་ཀྱིས་འབྱུང་འགྱུར་ལ་བློ་སྒོ་འབྱེད་ཐུབ། འབད་འཐབ་ཀྱིས་འོད་ཟེར་སྟོང་ལྡན་གཏོད་ནུས། དུས་རབས་གསར་པའི་རྒྱང་ལམ་གསར་པར་སྐྱོད་སྐབས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། “དམ་འཛིན་བྱ་གཞི་ཆ་བརྒྱད”ལ་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་དང་། ནུས་པ་གཞན་སྒྱུར། སྤུས་ཚད་མཐོར་གཏོང་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། ང་ཚོས་བདེ་འཇགས་བརྟན་ལྷིང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་སྐྱེ་ཁམས་འདུ་འགོད་གལ་ཆེན་ལག་ལེན་བསྟར་དགོས། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ་རྒྱལ་ཁབ་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། མཐའ་མཚམས་བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས་ཤིང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ“ཡོད་མེད”དེ“ཡག་ཉེས”ཕྱོགས་སུ་བསྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་གལ་ཆེན་སྐྲུན་མགྱོགས་སུ་གཏོང་བ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དེང་རབས་ཀྱི་ཐོན་ལས་མ་ལག་ཧུར་ཐག་སྐྲུན་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ང་ཚོས་འབད་བརྩོན་ཆེན་པོས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ཡག་པོ་སྐྱོད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་ལག་ལེན་གཏིང་ཟབ་བསྟར་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བྱེད་པ། གཙོ་གནད་ཚོགས་སྤྱིར་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་བོད་ནས་ཐུན་མོང་ཕྱུག་འགྱུར་མཐོང་ཐུབ་པ་དང་། རེག་ཐུབ་པ། རེ་སྒུག་ཐུབ་པ་བཅས་བྱེད་དགོས།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། ལོ་64ཡི་རིང་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་། ལོ་64ཡི་རིང་ཏང་གི་བཀའ་དྲིན་མཚོ་ལས་ཟབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ངར་སེམས་ཆེར་སྐྱེད་དང་། ཞུམ་མེད་མདུན་སྐྱོད། འབད་འཐབ་ལྷོད་མེད་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་བརྗིད་ཆེའི་དམིགས་ཚད་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་མདུན་ལམ་ལ་ཕྱོགས་ནས་རྒྱུན་ཆད་མེད་པར་ལོ་རྒྱུས་གསར་པ་གཏོད་པ་དང་འབྱུང་འགྱུར་གསར་པའི་ཕྱོགས་སུ་སྐྱོད་དགོས།
          རླབས་ཆེན་མེས་རྒྱལ་དེ་བས་དར་རྒྱས་གོང་འཕེལ་ཡོང་བར་ཤོག
          བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྔར་བས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།