<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

        beat365app登录入口_365bet不能提现_365bet在线网投

        སྤེལ་དུས 2023-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
               ཟླ3ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར། རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཞའོ་ཅེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིའི་སྐོར་ལ་གསལ་བཤད་གནང་བ་རེད། 
               ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུ། 
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུ། ཚན་རིག་ལག་རྩལ་པུའུ་ཡི་རྒྱལ་ཡོངས་ཀྱི་སྒྲིག་གཞི་གསར་པ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་དང་། ཚན་རྩལ་གསར་གཏོད་ཀྱི་སྦྲེལ་ཐག་ཧྲིལ་པོའི་དོ་དམ་ལེགས་འགྱུར། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད། ཚན་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་སོགས་ཀྱི་འགན་ནུས་ཤུགས་ཆེར་གཏོང་བ་དང་། འཐབ་ཇུས་འཆར་འགོད་དང་། སྒྲིག་གཞི་བསྒྱུར་བཅོས། ཐོན་ཁུངས་གཅིག་གྱུར་འཆར་འགོད། ཕྱོགས་བསྡུས་མཐུན་སྦྱོར། སྲིད་ཇུས་ཁྲིམས་སྲོལ། ལྟ་སྐུལ་ཞིབ་བཤེར་སོགས་སྤྱི་ཁོག་དོ་དམ་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན། རྒྱལ་ཁབ་ཀྱི་ལག་རྩལ་བརྗེ་སྒྱུར་མ་ལག་འཛུགས་སྐྲུན། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྲུན། ཚན་རྩལ་ལྟ་སྐུལ་གདེང་འཇོག་མ་ལག་འཛུགས་སྐྲུན། ཚན་ཞིབ་ཡིད་རྟོན་འཛུགས་སྐྱོང་། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས། ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་དཔྱད་བསྡུར་སོགས་འབྲེལ་ཡོད་འགན་འཁྲི་སོར་འཇོག་བྱས་ཏེ་སྔར་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ལ་བརྩི་རྒྱུ། 
               ཚན་རིག་ལག་རྩལ་པུའུ་ཡི་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དང་གྲོང་གསེབ་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་དང་གྲོང་གསེབ་ཀྱི་ཚན་རྩལ་ཡར་ཐོན་ལ་ཁྲིད་སྟོན་བྱེད་པའི་འགན་འཁྲི་དེ་ཞིང་ལས་དང་གྲོང་གསེབ་པུའུ་ཡི་ཁོངས་སུ་འཇོག་རྒྱུ་དང་། ཚན་རིག་ལག་རྩལ་པུའུ་ཡི་ཚན་རྩལ་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུའི་འགན་འཁྲི་དེ་ཁག་སོ་སོར་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། འབྱུང་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་ལ་སྤྲོད་རྒྱུ། ཚན་རིག་ལག་རྩལ་པུའུ་ཡི་མཐོ་གསར་ལག་རྩལ་གོང་སྤེལ་དང་དེ་བཞིན་ཐོན་ལས་ཅན་གྱི་འཆར་འགོད་དང་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་གྱི་ཐོན་ལས་གསར་སྤེལ་ཁུལ་སོགས་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱ་རྒྱུ། དེ་བཞིན་ཚན་རྩལ་ཞབས་ཞུའི་ལས་རིགས་དང་། ལག་རྩལ་ཁྲོམ་ར། ཚན་རྩལ་མཚམས་སྦྱོར་སྒྲིག་འཛུགས་འཕེལ་རྒྱས་སོགས་ལ་མཛུབ་སྟོན་བྱ་རྒྱུའི་འགན་འཁྲི་དག་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཁོངས་སུ་འཇོག་རྒྱུ། ཚན་རིག་ལག་རྩལ་པུའུ་ཡི་ཕྱི་རྒྱལ་གྱི་རིག་ནུས་ནང་འདྲེན་ལས་དོན་ལ་འགན་འཁུར་བའི་འགན་ནུས་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཁོངས་སུ་འཇོག་རྒྱུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལ་རྒྱལ་ཁབ་ཀྱི་ཕྱི་རྒྱལ་རིགས་གཅིག་མཁས་པ་ཅུས་ཀྱི་སྒོ་བྱང་སྣོན་འགེལ་བྱ་རྒྱུ།
               ནོར་སྲིད་ཀྱི་ཚན་རྩལ་གྲོན་དངུལ་བགོ་འགྲེམས་དང་བེད་སྤྱོད་བྱེད་པའི་ནང་རྐྱེན་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་གཞི་ལག་བསྟར་དང་ཆེད་ལས་ལས་ཁུངས་ཀྱི་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་ལག་རྩལ་པུའུ་ཡི་ཀྲུང་དབྱང་ནོར་སྲིད་ཀྱི་ཚན་རྩལ་འཆར་གཞི(ཆེད་དོན་རྣམ་གྲངས་དང་ཐེབས་རྩ་སོགས)མཐུན་སྦྱོར་དོ་དམ་དང་ཚན་ཞིབ་རྣམ་གྲངས་ཀྱི་མ་དངུལ་མཐུན་སྦྱོར་དཔྱད་དཔོག་སོགས་ཀྱི་འགན་འཁྲི་ལེགས་སྒྲིག་བྱ་རྒྱུ། ཚན་རིག་ལག་རྩལ་པུའུ་ཡི་ཁོངས་སུ་གཏོགས་པའི་ཀྲུང་གོ་གྲོང་གསེབ་ལག་རྩལ་གསར་སྤེལ་ལྟེ་གནས་དེ་ཞིང་ལས་གྲོང་གསེབ་པུའུ་ཡི་ཁོངས་སུ་འཇོག་རྒྱུ། ཀྲུང་གོ་སྐྱེ་དངོས་ལག་རྩལ་འཕེལ་རྒྱས་ལྟེ་གནས་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་འཇོག་རྒྱུ། ཀྲུང་གོའི་དུས་རབས21པའི་གྲོས་རིམ་དོ་དམ་ལྟེ་གནས་དང་ཚན་རིག་ལག་རྩལ་པུའུ་ཡི་ལག་རྩལ་མཐོ་གྲས་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་དེ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་འཇོག་རྒྱུ།
               རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་ལ་སྔར་བཞིན་ཚན་རིག་ལག་རྩལ་པུའུ་ཡིས་དོ་དམ་བྱ་རྒྱུ། 
               ཚན་རིག་ལག་རྩལ་པུའུ་ཡི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་རིགས་གཅིག་མཁས་པའི་ཅུས་ཀྱི་སྒོ་བྱང་སོར་འཇོག་བྱ་རྒྱུ་མིན་པ་རེད།
               རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ། 
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ། དངུལ་འཛིན་ལས་རིགས་ཕུད་པའི་དངུལ་རྩའི་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་གཅིག་གྱུར་ཐོག་འགན་འཁུར་རྒྱུ་དང་། ལས་ཁུངས་ལ་ལྟ་སྐུལ་དོ་དམ་དང་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ། བྱེད་ནུས་ལ་ལྟ་སྐུལ་དོ་དམ། མཐིལ་རྟོགས་རྣམ་པའི་ལྟ་སྐུལ་དོ་དམ། རྒྱུན་མཐུད་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་ཐོག དངུལ་རྩའི་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་འགན་འཁུར་རྒྱུ་དང་། ཉེན་ཁར་དོ་དམ་དང་འགོག་ཟོན་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཁྲིམས་ལྟར་རྩད་བཤེར་ཐག་གཅོད་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ལ་བརྩི་རྒྱུ།
               རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དེ་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ཐོག་འཛུགས་རྒྱུ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སི་སོགས་དངུལ་རྩའི་ཚོགས་པའི་རྒྱུན་ལྡན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་འབྲེལ་ཡོད་དངུལ་རྩའི་འཛད་སྤྱོད་པའི་སྲུང་སྐྱོབ་འགན་འཁྲི། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་མ་དངུལ་གཏོང་མཁན་གྱི་སྲུང་སྐྱོབ་འགན་འཁྲི་བཅས་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཁོངས་སུ་འཇོག་རྒྱུ།
               ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོར་འཇོག་བྱ་རྒྱུ་མིན་པ་རེད།
               ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ས་གནས་དངུལ་རྩའི་ལྟ་སྐུལ་དོམ་དམ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་དབྱང་དངུལ་རྩའི་དོ་དམ་སྡེ་ཁག་གིས་ས་གནས་སུ་མངགས་གཏོང་བྱས་པའི་ལས་ཁུངས་གཙོ་བོར་བྱས་པའི་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཛུགས་རྒྱུ་དང་། ཀྲུང་དབྱང་དངུལ་རྩའི་དོ་དམ་སྡེ་ཁག་ནས་ས་གནས་སུ་མངགས་གཏོང་བྱས་པའི་ལས་ཁུངས་འཛུགས་སྟངས་དང་སྟོབས་ཤུགས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་སུ་གཏོང་རྒྱུ། ས་གནས་སྲིད་གཞུང་གིས་བཙུགས་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁུར་རྒྱུ། དངུལ་རྩའི་ལས་དོན་ཅུས་དང་དངུལ་རྩའི་གཞུང་ལས་ཁང་སོགས་ཀྱི་སྒོ་བྱང་སྣོན་འགེལ་བྱ་རྒྱུ་མིན་པ་རེད།
               ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ། 
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་བྱ་གཞག་ཚན་པ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ། མ་རྩའི་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་བཅུག་པའི་ཁེ་ལས་བུན་འཛིན་གཏོང་སྤེལ་ཞིབ་དཔྱད་འགན་འཁྲི་དེ་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀུང་སིའི(ཁེ་ལས)བུན་འཛིན་གཏོང་སྤེལ་ཞིབ་དཔྱད་ལས་དོན་ལ་གཅིག་གྱུར་ཐོག་འགན་འཁུར་རྒྱུ།
               ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་ཁུལ་ཆེན་ཡན་ལག་དངུལ་ཁང་དང་དེ་བཞིན་ཡན་ལག་དངུལ་ཁང་གི་ལས་གཉེར་དོ་དམ་པུའུ། སྤྱི་ཁྱབ་དངུལ་ཁང་གི་ཐད་གཏོགས་ལས་གཉེར་དོ་དམ་པུའུ། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་དངུལ་ཁང་བཅས་མེད་པར་བཟོ་རྒྱུ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་)31ལ་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་འཛུགས་རྒྱུ་དང་། ཧྲེན་ཀྲེན་དང་། ཏ་ལན། ཉིང་པོ། ཆིང་ཏའོ། ཞ་མོན་བཅས་སུ་འཆར་གཞི་རྐྱང་བཀོད་གྲོང་ཁྱེར་གྱི་ཡན་ལག་དངུལ་ཁང་འཛུགས་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་པེ་ཅིང་ཡན་ལག་དངུལ་ཁང་གི་ཀྲུང་གོ་མི་དམངས་དངུལ་ཁང་ལས་གཉེར་དོ་དམ་པུའི་སྒོ་བྱང་སོར་འཇོག་བྱ་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་ཧྲང་ཧའེ་ཡན་ལག་དངུལ་ཁང་དང་ཀྲུང་གོ་མི་དམངས་དངུལ་ཁང་ཧྲང་ཧའེ་སྤྱི་ཁྱབ་པུའུ་མཉམ་དུ་གཞུང་དོན་བསྒྲུབ་རྒྱུ།
               ཀྲུང་གོ་མི་དམངས་དངུལ་ཁང་གི་རྫོང(གྲོང་ཁྱེར་)གི་ཡན་ལག་དངུལ་ཁང་སོར་འཇོག་བྱ་རྒྱུ་མིན་པ་དང་། འབྲེལ་ཡོད་འགན་ནུས་ཀྲུང་གོ་མི་དམངས་དངུལ་ཁང་གི་ས་ཁུལ(གྲོང་ཁྱེར)ལྟེ་བའི་ཡན་ལག་དངུལ་ཁང་ཁོངས་སུ་བསྡུ་རྒྱུ། མཐའ་མཚམས་སམ་ཡང་ན་ཕྱི་ཕྱོགས་ཉོ་ཚོང་གི་གཙང་རྩིས་ལས་སྒོའི་འབོར་ཚད་ཆེ་བའི་ས་ཁུལ་དུ་ལས་ཀའི་དགོས་མཁོ་གཞིར་བཟུང་ཀྲུང་གོ་མི་དམངས་དངུལ་ཁང་གི་ས་ཁུལ(གྲོང་ཁྱེར)ལྟེ་བའི་ཡན་ལག་དངུལ་ཁང་གི་མངགས་གཏོང་ལས་ཁུངས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་ཀྱི་དོ་དམ་ཞབས་ཞུའི་འགན་ནུས་བསྒྲུབ་རྒྱུ།
               གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞུང་ཁོངས་དངུལ་རྩའི་མ་རྩ་འཇོག་མཁན་གྱི་འབྲེལ་ཡོད་དོ་དམ་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་དངུལ་རྩའི་དོ་དམ་སྡེ་ཁག་གིས་དོ་དམ་བྱེད་པའི་ཁྲོམ་རའི་གཉེར་སྐྱོང་རིགས་ཀྱི་ལས་ཁུངས་ཁ་འགྲེམས་རྒྱུ་དང་འབྲེལ་ཡོད་གཞུང་ཁོངས་དངུལ་རྩའི་རྒྱུ་ནོར་རྣམས་གཞུང་ཁོངས་དངུལ་རྩའི་མ་རྩ་མངགས་བཅོལ་དོ་དམ་ལས་ཁུངས་ཁོངས་སུ་འཇོག་རྒྱུ་དང་། ལས་ཁུངས་དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་དབང་ཆ་སྤྲད་པ་ལྟར་མ་རྩ་འཇོག་མཁན་གྱི་འགན་འཁྲི་གཅིག་གྱུར་ཐོག་བསྒྲུབ་རྒྱུ།
               དངུལ་རྩའི་དོ་དམ་སྡེ་ཁག་གི་ལས་དོན་མི་སྣར་གཅིག་གྱུར་དང་ཚད་ལྡན་སྒོ་ནས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། དངུལ་རྩའི་དོ་དམ་སྡེ་ཁག་གི་ལས་དོན་མི་སྣར་གཅིག་གྱུར་དང་ཚད་ལྡན་སྒོ་ནས་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་དང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་དང་དེའི་ཡན་ལག་ལས་ཁུངས། མངགས་གཏོང་ལས་ཁུངས་བཅས་ཚང་མས་སྲིད་འཛིན་སྒྲིག་ཁོངས་བེད་སྤྱོད་བྱེད་པ་དང་། ལས་དོན་མི་སྣ་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་གཅིག་གྱུར་ཚད་ལྡན་དོ་དམ་བྱེད་ཁོངས་སུ་བཅུག་ནས། རྒྱལ་ཁབ་ཀྱི་གཞུང་ཞབས་པའི་གླ་ཕོགས་ཚད་གཞི་ལག་བསྟར་བྱ་རྒྱུ།
               རྒྱལ་ཁབ་གྲངས་གཞི་ཅུས་འཛུགས་རྒྱུ། 
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་།  རྒྱལ་ཁབ་གྲངས་གཞི་ཅུས་འཛུགས་རྒྱུ།  གྲངས་གཞིའི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འགན་འཁུར་རྒྱུ་དང་། གྲངས་གཞིའི་ཐོན་ཁུངས་ཟླ་འགྲིལ་མཉམ་སྤྱོད་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱ་རྒྱུ།  གྲངས་འཛིན་ཀྲུང་གོ་དང་གྲངས་འཛིན་དཔལ་འབྱོར། གྲངས་འཛིན་སྤྱི་ཚོགས་འཆར་འགོད་དང་འཛུགས་སྐྲུན་སོགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་བཅས་ལ་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ།

        beat365app登录入口_365bet不能提现_365bet在线网投

               ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་འགན་འཁུར་བའི་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ཇུས་གཞི་དང་། སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་ཆ་འཕྲིན་ཅན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཆ་འཕྲིན་ཐོན་ཁུངས་གལ་ཆེན་གསར་སྤེལ་བེད་སྤྱོད་དང་མཉམ་སྤྱོད་ལ་མཐུན་སྦྱོར་བྱེད་པ། ཆ་འཕྲིན་ཐོན་ཁུངས་ལས་རིགས་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་ནས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་སོགས་ཞིབ་འཇུག་བཟོ་འགོད་བྱེད་པའི་འགན་འཁྲི་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་བའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་གྲངས་གཞི་ཆེན་མོའི་འཐབ་ཇུས་ལག་བསྟར་སྒྲིག་འཛུགས་བྱེད་པ། གྲངས་གཞིའི་རྒྱུ་རྐྱེན་གྱི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་པའི་འགན་འཁྲི་དེ་རྒྱལ་ཁབ་གྲངས་གཞི་ཅུས་ལ་སྤྲོད་རྒྱུ།
               ཞིང་ལས་དང་གྲོང་གསེབ་པུའི་འགན་འཁྲི་ལེགས་འགྱུར་བྱ་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ཞིང་ལས་དང་གྲོང་གསེབ་པུའི་འགན་འཁྲི་ལེགས་འགྱུར་བྱ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཙོ་གནད་དུ་བཟུང་བའི་ཞིང་གསུམ་གྱི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་ཆེད་དུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་སྣེ་ཁྲིད་བྱས་ཏེ་དབུལ་ལོག་ཐེབས་པར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་རྒྱུ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དང་གཙོ་གནད་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཟོ་འགོད་སྒྲིག་འཛུགས་བྱ་རྒྱུ། ཤར་རྒྱུད་དང་ནུབ་རྒྱུད་བར་གྱི་རོགས་ལས་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་ཀྱི་རོགས་སྐྱོར་བཅས་བྱ་རྒྱུ་སྒྲིག་འཛུགས་བྱ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་ཡོད་མ་དངུལ་བགོ་འགྲེམས་ལ་སྦྲེལ་མཐུད་སྐུལ་འདེད་གཏོང་རྒྱུའི་གྲོས་འགོའི་ཇུས་གཞི་ཞིབ་འཇུག་བྱས་ནས་འདོན་རྒྱུ་མ་ཟད་མ་དངུལ་བཀོལ་སྤྱོད་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱ་རྒྱུ། གྲོང་གསེབ་ཀྱི་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་དང་སྤྱི་པའི་ཞབས་ཞུ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་འགན་འཁྲི་དེ་ཞིང་ལས་དང་གྲོང་གསེབ་པུའི་ཁོངས་སུ་འཇོག་རྒྱུ་དང་། ཞིང་ལས་དང་གྲོང་གསེབ་པུའུ་རུ་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་སྒོ་བྱང་སྣོན་འགེལ་བྱ་རྒྱུ།
               རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱུང་རྗེས་ཀྱི་བར་བརྒལ་དུས་མཚམས་ནང་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་། ནོར་སྲིད་ཀྱི་རྒྱབ་སྐྱོར། རྣམ་གྲངས་ཀྱི་བཀོད་སྒྲིག་བཅས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དང་མ་དངུལ་རྣམ་གྲངས་བལྟོས་བཅས་ཀྱིས་རང་ཚུགས་ངང་འཁོར་སྐྱོད་དོ་དམ་བྱ་རྒྱུ་རེད། 
               ལོགས་སུ་བཙུགས་པའི་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་སོར་འཇོག་བྱ་རྒྱུ་མིན་པ་རེད།
               རྒན་རྒོན་ལས་དོན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ།  
             རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། རྒན་རྒོན་ལས་དོན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཧུར་ཐག་གཅོད་རྒྱུའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒན་རྒོན་ཡོངས་ནས་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་ཆེད་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་གཅོག་རྒྱུའི་སྲིད་ཇུས་བྱ་ཐབས་བཟོ་འགོད་སྒྲིག་འཛུགས་དང་མཐུན་སྦྱོར་དོན་འཁྱོལ་བྱ་རྒྱུ་དང་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་ལས་དོན་གྱི་འགན་འཁུར་བ་སོགས་ཀྱི་འགན་འཁྲི་རྣམས་དམངས་སྲིད་པུའི་ཁོངས་སུ་འཇོག་རྒྱུ། རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དེ་དམངས་སྲིད་པུའུ་ནང་བཙུགས་ནས་དེའི་རྒན་རྒོན་བྱ་གཞག་གོང་འཕེལ་ལ་ཕྱོགས་བསྡུས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད། སྒྲིག་འཛུགས་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་ཤུགས་ཆེ་རུ་གཏོང་རྒྱུ།  
               ཀྲུང་གོ་རྒན་རྒོན་མཐུན་ཚོགས་དེ་དམངས་སྲིད་པུས་ཚབ་གཉེར་བྱ་རྒྱུ།
               ཤེས་བྱའི་ཐོན་དབང་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ།
             རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ཤེས་བྱའི་ཐོན་དབང་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཤེས་བྱའི་ཐོན་དབང་གི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ཤེས་བྱའི་ཐོན་དབང་གསར་གཏོད་དང་བེད་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་དེ་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ། ཚོང་རྟགས་དང་གཅིག་བདག་ཁེ་དབང་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་འགན་འཁྲི་མུ་མཐུད་དེ་ཁྲོམ་ར་ལྟ་སྐུལ་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག་གིས་འཁུར་རྒྱུ་དང་། འབྲེལ་ཡོད་ཁྲིམས་འཛིན་ལས་དོན་ཐད་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་ཆེད་དོན་མཛུབ་ཁྲིད་དང་ལེན་བྱ་རྒྱུ།
               རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་ལེགས་སྒྲིག་བྱ་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཀྱི་ཐད་གཏོགས་ལས་ཁུངས་ལ་ལེགས་སྒྲིག་བྱ་རྒྱུ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་དེར་ལེགས་བཅོས་བྱ་རྒྱུ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་སྔར་ལས་ལྷག་པ་བྱ་རྒྱུ་བཅས་ཀྱི་ཆེད་དུ། རྒྱལ་ཁབ་ཡིག་སྐུར་ངོ་བཅར་ཅུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ལ་ལེགས་སྒྲིག་བྱ་རྒྱུ།
               ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ཁུ་བསྡུ་བྱ་རྒྱུ།
               རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་འགོ་གཞིར་བཟུང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ཁུ་བསྡུ་བྱ་རྒྱུ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་མི་སྣའི་སྒྲིག་ཁོངས་གཅིག་གྱུར་ཐོག5%ཡི་བསྡུར་ཚད་ལྟར་ཁུ་བསྡུ་བྱ་རྒྱུ། ཚུར་བསྡུ་བྱས་པའི་སྒྲིག་ཁོངས་རྣམས་གཙོ་བོ་གཙོ་གནད་ཁྱབ་ཁོངས་དང་གལ་ཆེའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བེད་སྤྱོད་གཏོང་རྒྱུ།