<legend id="h4sia"></legend><samp id="h4sia"></samp>
<sup id="h4sia"></sup>
<mark id="h4sia"><del id="h4sia"></del></mark>

<p id="h4sia"><td id="h4sia"></td></p><track id="h4sia"></track>

<delect id="h4sia"></delect>
  • <input id="h4sia"><address id="h4sia"></address>

    <menuitem id="h4sia"></menuitem>

    1. <blockquote id="h4sia"><rt id="h4sia"></rt></blockquote>
      <wbr id="h4sia">
    2. <meter id="h4sia"></meter>

      <th id="h4sia"><center id="h4sia"><delect id="h4sia"></delect></center></th>
    3. <dl id="h4sia"></dl>
    4. <rp id="h4sia"><option id="h4sia"></option></rp>

        ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

        beat365app登录入口_365bet不能提现_365bet在线网投

        སྤེལ་དུས 2023-03-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              སྤྱི་ཟླ་3ཚེས་7ཉིན།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་“ཨུ་ཡོན་གྱི་བགྲོད་ལམ་”ཞེས་པའི་གཅིག་བསྡུས་བཅར་འདྲིའི་བྱེད་སྒོ་ཐེངས་གཉིས་པ་དེ་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཡོངས་བསྒྲགས་ཁང་དུ་གཉེར་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། འཕྲལ་སྒྲུབ་དོ་དམ་པུའི་ཏང་ཨུད་ཀྱི་ཨུ་ཡོན། རྒྱལ་ཁབ་མེ་གསོད་མྱུར་སྐྱོབ་ཅུས་ཀྱི་ཅུས་ཀྲང་ཆུང་མཛེས་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ཡོད།

             གཙོ་སྐྱོང་པ། ང་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པ་ཡིན།ཨུ་ཡོན་ཆུང་མཛེས་ལ་བཀའ་འདྲི་ཞུ་རྒྱུར། མེ་གསོད་མྱུར་སྐྱོབ་ནི་གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པ་དང་།ཁོང་ཚོས་དུས་རྟག་ཏུ་ཉེན་ཁ་ཆེ་ཤོས་དང་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་སར་འབད་འཐབ་བྱེད་བཞིན་ཡོད།  ཁོང་ཚོའི་གྱོན་གོས་སྔོ་མདོག་དེའི་དབང་གིས་དྲ་གྲོགས་ཚོས་སྙིང་ཉེ་པོས་“གོས་སྔོན་གྲོགས་པོ་”ཞེས་འབོད་པ་ཚང་མས་མཁྱེན་གསལ་རེད།དེར་བརྟེན་ཁྱེད་རང་གིས་རུ་ཁག་དེའི་གནས་ཚུལ་དང་།དེ་བཞིན་ཁྱེད་རང་ལས་གནས་དེའི་ནང་ཞུགས་པའི་མྱོང་ཚོར་ངོ་སྤྲོད་གནང་རོགས།ཐུགས་རྗེ་ཆེ།
             ཆུང་མཛེས། སྨྱན་སྦྱོར་ཚན་པའི་གྲོགས་པོ་ཚོས་སེམས་ཁུར་དང་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་མེ་གསོད་མྱུར་སྐྱོབ་དཔུང་ཁག་དེས་བདེ་འཇགས་ཉེན་ཁ་ཚབས་ཆེན་འགོག་སེལ་དང་རིགས་ཁག་གི་གནོད་འཚེའི་དོན་རྐྱེན་ཐག་གཅོད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། ད་ལྟ། གཞི་རིམ་གྱི་མེ་གསོད་མྱུར་སྐྱོབ་རུ་ཁག་གིས་སྔ་ཕྱི་བར་གསུམ་དུ་ཆུ་ཚོད་24རིང་བཅའ་སྡོད་དམག་གྲབས་བྱེད་བཞིན་པ་དང་། དུས་རྣམ་ཀུན་ཏུ་ལས་སྒྲུབ་གྲ་སྒྲིག་བྱེད་པ།ཉེན་བརྡ་སྒྲོག་ཚེ་འཕྲལ་མར་རྡོག་ཐོན་བྱེད་པ། མང་ཚོགས་རྣམས་ཆུ་དང་མེ་ཡི་ཆག་སྒོ་ནས་སྐྱོབ་པ།མང་ཚོགས་ལ་དཀའ་ངལ་འཕྲད་དུས་རོགས་རམ་བྱེད་པ།རྒྱུན་པར་ལས་རེས་དང་དམག་འཐབ་བྱེད་པ། ཆ་སྙོམས་སྐར་ཆ་15ཡི་དུས་ཚོད་ནང་མྱུར་སྐྱོབ་དང་།གནོད་སེལ།རོགས་སྐྱོབ་བཅས་ཀྱི་བྱ་སྤྱོད་ཐེངས་རེ་སྤེལ་བཞིན་ཡོད་། ལོ་རེར་ཆ་སྙོམས་ཐོག་ཉེན་བརྡ་འབྱོར་ནས་ཡུལ་དངོས་སུ་ཐོན་པའི་ཐེངས་གྲངས་ཁྲི་200ལས་བརྒལ་བ། ཉེན་ཁའི་གནས་སུ་ལྷུངས་པའི་མི་སྣ་སྐྱོབ་པ་དང་ཁ་འགྲེམས་བྱེད་ཚད་ཁྲི་40ལྷག་ཙམ་ཟིན་ཡོད།སྒྲིག་གཞིར་བསྒྱུར་བཅོས་མ་བྱས་གོང་དང་བསྡུར་ན།མྱུར་སྐྱོབ་བྱེད་པའི་འགན་ནུས་རྒྱ་ཆེར་དང་ཉེན་བརྡ་འབྱོར་ནས་ཡུལ་དངོས་སུ་ཐོན་ཚད་ཡང་མང་དུ་ཕྱིན་པ་དང་། དེ་དང་ཆབས་ཅིག་ང་ཚོས་ད་དུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་སྐྱོན་སྔོན་འགོག་གི་ལས་འགན་འཁུར་བཞིན་ཡོད། ཆུ་ཚོད་24ཡི་རིང་མྱུར་སྐྱོབ་དང་དུས་རྣམ་ཀུན་ཏུ་མེ་གསོད་པ།ནམ་ཡང་འགོག་ཟོན་བྱ་རྒྱུ་བཅས་ནི་ང་ཚོའི་ལས་དོན་ཁྲོད་ཀྱི་རྒྱུན་རྣམ་ལྟ་བུར་གྱུར་ཡོད།

             དེར་བརྟེན།“གོས་སྔོན་གྲོགས་པོ་”ནི་བློས་འགེལ་ཆོག་པ་ཞིག་ཡིན་ཞེས་བཤད་ཆོགདཔུང་ཁག་དེ་ནི་མི་དམངས་ཀྱི་ཆེད་དུ་བཙུགས་པ་དང་། མི་དམངས་ཀྱི་ཆེད་དུ་དམག་འཐབ་བྱེད་བཞིན་ཡོད། ནམ་ཡང་མང་ཚོགས་ལ་ལྷག་བསམ་རྣམ་དག་དང་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན། ང་རང་ལ་བཞག་པའི་བག་ཆགས་ཟབ་ཤོས་ཤིག་ནི་ན་ནིང་ཐོག་ཁང་ཞིག་གས་བརྡིབས་བྱུང་སྟེ་མྱུར་སྐྱོབ་བྱ་སྤྱོད་ཉིན་དྲུག་རྒྱུན་མཐུད་ངང་སྤེལ་བ་དང་། ང་རང་ནས་བཀོད་འདོམས་ཁང་ནང་མྱུར་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་པོ་མཐོང་བྱུང་། སྐྱོབ་ཐུབ་པའི་མི་10པ་དེ་ནི་བློ་མཐུན་བུད་མེད་གཅིག་ཡིན་ཞིང་། ཁོང་མོའི་རྐང་པ་ཞིག་རོའི་འོག་བསྣན་པ་དང་། གཟུགས་པོའི་ཡན་ལག་མང་པོ་ཞིག་ལ་རྨས་སྐྱོན་བཟོས་འདུག མྱུར་སྐྱོབ་དཔུང་ཁག་གི་བཀོད་འདོམས་པས་དཀའ་ངལ་དུ་མ་ཁྱད་དུ་བསད་དེ་སྲོག་འབེན་བཙུགས་ཀྱིས་ཚེ་སྲོག་གི་མྱུར་སྐྱོབ་བགྲོད་ལམ་ཤར་གཏོང་བྱེད་སྐབས།ཁོང་མོས་བཤད་པའི་སྐད་ཆ་དང་པོ་ནི་“ཁྱེད་ཚོ་ནི་119ཡིན་ནམ། ང་རང་ད་བར་དུ་འཁྱོལ་བའི་རྒྱུ་མཚན་ནི་སེམས་ནང་ཁྱེད་ཚོས་ང་སྐྱོབ་པར་ཡོང་ངེས་ཡིན་”ཞེས་བརྗོད་སོང་། མང་ཚོགས་ཀྱི་ཡིད་ཆེས་དང་བསྔགས་བརྗོད་ཀྱིས་ཀྱང་ང་དང་དཔུང་ཁག་ཡོངས་ཀྱི་བཀོད་འདོམས་པར་སྐུལ་མ་ཐེབས་བྱུང་། མྱུར་སྐྱོབ་ཀྱི་བྱ་སྤྱོད་རེ་རེའི་ནང་སྔ་ཕྱི་བར་གསུམ་དུ་ཚེ་སྲོག་གོང་མའི་གོང་དུ་བཀུར་བ་དང་ནམ་ཡང་བློས་མི་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་། རེ་བ་ཕྲན་བུ་ཡོད་ཚེ། ང་ཚོས་དཀའ་ལས་ལྡབ་བརྒྱ་བརྒྱབ་ནས་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་ངེས་ཡིན།
             ལྷན་རྒྱས་ཀྱིས་མཁྱེན་གསལ་ལྟར།“གོས་སྔོན་གྲོགས་པོ་”ཡི་གྲུབ་ཆ་གཙོ་བོ་ནི་གཞོན་སྐྱེས་ཡིན་པ་དང་། མང་ཆེ་བ་ནི་90ལོ་དང་2000ལོའི་རྗེས་སྐྱེས་གཞོན་ནུ་ཡིན། དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོས་ང་རང་སྤོབས་པ་སྐྱེས་སུ་འཇུག་གི་འདུགདུས་རྒྱུན་གྱི་སྦྱོང་བརྡར་དང་ཉེན་བརྡ་འབྱོར་ནས་ཡུལ་དངོས་སུ་ཐོན་དུས། ཁོང་ཚོར་བདེ་འཇགས་ཉེན་ཁ་དང་མྱུར་སྐྱོབ་བྱེད་རིང་གི་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་ཡོད། དབྱར་དགུན་སྟོན་དཔྱིད་དུས་ཚིགས་གང་ཞིག་ཡིན་རུང་ཁོང་ཚོའི་ལུས་པོ་ཆ་ཚང་རློན་པར་གྱུར་བཞིན་པ་དང་།དབྱར་དུས་མེ་ཟོན་ལྷམ་ནང་གི་རྔུལ་ཆུ་ཕྱིར་བཤོ་ཐུབ་ཀྱི་ཡོད། དགུན་དུས་དམག་འཐབ་ལས་གོས་འཁྱགས་པ་ཐེབས་ནས་ཕུད་དཀའ་བའི་གནས་ཚུལ་འཕྲད་ཀྱི་ཡོད། ཡིན་ནའང་ཁོང་ཚོས་དུས་རྟག་ཏུ་བཅའ་སྡོད་དམག་གྲབས་བྱེད་པའི་རྣམ་པ་ཡག་ཤོས་ཐོག་ནས་ལྡོག་ཕྱོགས་སུ་བསྐྱོད་པ་དང་སྲོག་ཉེན་ལའང་འཛེམ་གྱི་མེད། ཁོང་ཚོའི་ལུས་ཐོག་ལས་གཞོན་སྐྱེས་ཚོའི་ཁྱིམ་ཞེན་རྒྱལ་ཞེན་དང་དུས་རབས་ཀྱི་འགན་འཁྲི་འཁུར་སེམས་ཚོར་བྱུང་ལ། ང་ཚོས་དཔུང་ཁག་འདིའི་རེ་བ་དང་འབྱུང་འགྱུར་ཡང་མཐོང་ཐུབ།
             དུས་རབས་གསར་པར་རྒྱང་སྐྱོད་གསར་པ་བྱེད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་མེ་གསོད་མྱུར་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། མེ་གསོད་བདེ་འཇགས་བཅོས་སྐྱོང་དེ་དོན་རྐྱེན་མ་ཐོན་གོང་གི་སྔོན་འགོག་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཐོགསློབ་གསོ་ནན་པོ་རྒྱག་པ་དང་། སྦྱོང་བརྡར་ནན་པོ་བྱེད་པ།དོ་དམ་ནན་པོ་བྱེད་པ།བླང་བྱ་ནན་པོ་འདོན་པ།མེ་སྐྱོན་སྔོན་འགོག་དང་འཕྲལ་སྒྲུབ་མྱུར་སྐྱོབ་ཀྱི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་སྔར་ལས་ཡག་པ་ཞུས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ཆེད་དཔའ་ངར་ཆེན་པོས་འབད་འཐབ་བྱ་རྒྱུ་ཡིན། ཐུགས་རྗེ་ཆེ།